
Friday, March 27, 2009
Thursday, December 11, 2008
Wednesday, October 22, 2008
བཀྲ་ཤིས་ལུམྦིའི་ཚལ་with father and Memey Lay at Lumbini 2006
བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ། །
ཚངས་དང་བརྒྱ་བྱིན་གྱིས་བཏུད་མཚན་མཆོག་ནི། །
བྱང་ཆུབ་རིགས་སུ་ངེས་མཛད་ཕྱག་འཚལ་ལོ། །
གང་དུ་འདྲེན་པས་བྱང་ཆུབ་མཆོག་བརྙེས་ཏེ། །
འཆི་མེད་ལམ་བསྟན་མྱ་ངན་འདས་པ་ཡི། །
རྒྱ་གར་གནས་ཆེན་རྣམས་ལ་ཕྱག་འཚལ་ལོ། །
དེས་ན་འོ་སྐོལ་ཕྱི་མའི་དུས་སུ་སྐྱེས་པ། བསོད་ནམས་ཆུང་ངུའི་སྐྱེ་བོ། སངས་རྒྱས་ཀྱི་ཞལ་དངོས་སུ་མ་མཐོང་བ་དག་ནི། བདེ་བར་གཤེགས་པའི་གནས་ཆེན་བཞི་པོ་འདི་དག་ལ་མཇལ་དགོས་སོ་ཞེས། སྟོན་པ་མྱ་ངན་ལས་འདའ་ཀར་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་ཏེ།
ཇི་སྐད་ལུང་ཕྲན་ཚེགས་ལས། དགེ་སློང་དག ང་འདས་པའི་འོག་ཏུ་གནས་བཞི་པོ་འདི་དག་ནི་རིགས་ཀྱི་བུ་དང་བུ་མོ་དད་པ་ཅན་རྣམས་ཀྱིས་ཇི་སྲིད་འཚོ་བའི་བར་དུ་འགྲོ་བར་བྱ་ཞིང་། དྲན་པར་འགྱུར་བར་བྱའོ། བཞི་གང་ཞེས་ན། འདིར་ནི་བཅོམ་ལྡན་འདས་འཁྲུངས་སོ། འདིར་ནི་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་སོ། འདིར་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་ཏོ། འདིར་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དགེ་སློང་དག་ང་འདས་པའི་འོག་ཏུ་འདིར་མཆོད་རྟེན་བསྐོར་བ་དང་། མཆོད་རྟེན་ལ་ཕྱག་འཚལ་བ་དག་འོང་གི དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཞེས་པ་ནས་ང་ལ་དད་པས་དུས་བྱས་པ་དེ་ཐམས་ཅད་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོའོ། སོགས་རྒྱས་པར་གསུངས་སོ། །
གུས་པ་སྤྱི་ལོ་ ༢༠༠༦ ཟླ་བ་༡༢ པའི་ཚེས་གྲངས་་་་་ཉིན་འདྲིན་ཅན་གྱི་ཕ་ཚེ་རིང་སྟོབས་ལྡན་ལགས་དང་ནོར་བུ་རམ་མེ་མེ་ལེ་དང་ལྷན་དུ་སྟོན་པ་སྐུ་ལྟམས་པའི་གནས་མཆོག་ལུམྦིནིའི་ཚལ་དུ་བཞུགས་ཡོད་པའི་རྒྱའི་ནང་པའི་གཙུག་ལག་ཁང་གི་རྒྱས་མགོའི་མདུན་རྒྱག་པའི་འདྲ་པར། པར་པ་རྒྱ་མོ་ཞིགTuesday, October 21, 2008
Subscribe to:
Comments (Atom)

